2023年恰青赛马节公告

2023年恰青赛马节公告

首页体育竞技赛马竞技更新时间:2024-07-03

各单位、各商户、广大农牧民群众:

为举办好2023年恰青赛马节,实现市委、市政府提出的“弘扬文化、展示特色、招商引资、促进交流、凝心聚力、奋勇争先”总目标,经组委会研究,现将2023年恰青赛马节(以下简称“赛马节”)相关事宜公告如下:

一、活动的举办时间、地点及活动内容

赛马节定于8月10日上午10:00,在那曲镇格萨尔赛马场隆重举行开幕式,为期3天,于8月12日下午15:30闭幕。

为全方位宣传展示那曲独特的民俗文化和特色产品,提高那曲文化旅游知名度和影响力,今年的赛马节打破传统办赛模式,采取“4+3+4”的创新模式开展。一是8月6日至9日为赛马节预热引流期,主要安排赛马体育竞技赛事的预赛、“普古曲姆”旅游形象大使选拔赛、群众性文化文艺表演以及烟花表演,为赛马节吸引人流;二是8月10日至12日为赛马节正式活动,期间举办开幕式文艺演出及马术表演、“乡村振兴 那曲奋进”活动市级决赛颁奖仪式、优秀节目和优秀作品展演展览、篝火晚会、烟花表演,抱石头、拔河、场内速度赛马、走马比赛、传统大跑等活动,开展民俗特色帐篷展示展览活动的评比、招商引资经贸洽谈、虫草展示展销、农畜土特产品展销、藏北特色产品展览展示等活动。三是8月13日至16日为赛马节延续期,持续开展产品展示展销活动,举办全市文艺调演比赛、群众性文艺文化活动等。

二、搭建帐篷时间及要求

活动期间搭建帐篷时间为7月20日至29日。招租商户以所选展位,在固定的位置入驻(招商对象、类别、展位、费用以及招商时间等详见“2023年恰青赛马节场地招商组公告”)。群众自搭帐篷区域采取抽签摇号方式进行(自搭位置、入驻条件、方式、报名及摇号时间等详见“2023年恰青赛马节场地招商组公告”)。赛马节场内严禁私搭乱建帐篷,必须无条件服从管理人员的安排。未经许可,擅自划占场地或搭建帐篷的,由市场监管、公安、城管等部门依规拆除。对拒不配合工作的单位和个人取消其入驻资格,并按相关法律法规追究责任。

三、卫生管理费及电费征收标准

坚持人民至上的理念、贯彻党的群众路线、践行初心使命,增强广大人民群众的获得感、幸福感、安全感,经组委会研究决定,对今年活动期间赛马场内卫生管理费和电费事宜规定如下:

(一)卫生管理费

活动期间,赛马场内免缴卫生管理费。

(二)电费

1.按照2022年的征收标准,有供电需求单位、经营商户和个人缴纳适当的电费,具体标准为:市(中、区)直各单位350元,群众自搭区、朗玛厅娱乐区范围内有经营性质的商户150元。

2.各县(区)演职人员驻地帐篷、非营利性家庭用户免缴电费。

3.所有接电用户需缴纳一次性接电工时费100元。

四、节目门票

为彰显全民参与共享赛马文化盛宴成果,关心关爱特殊困难群体,展示藏北各族儿女的综合素质和良好形象。赛马节期间,采取“凭票进场、有序进场、发完即止”的方式入场节目观看。各县(区)、各单位切实担负起“属地管理”责任,教育引导辖区群众、干部职工、家属、游客、邀请人员,自觉遵守秩序、坚决服从管理、规范有序排队,严禁拥挤、喧哗、吵闹等不文明行为。一经发现严肃追究属地、部门及个人的责任。

(一)主席台、东西两侧贵宾观礼台门票交由来宾接待组专门留用于组委会邀请宾客、“乡村振兴那曲奋进”活动市级决赛第一名、招商引资企业、赞助商等人员观看节目。

(二)东侧观礼台门票用于统筹解决各县(区)、各单位邀请来宾、对口援藏省市来宾、自治区各厅局人员观看节目,由各单位自行向票务组申请。

(三)西侧观礼台专门保障福利院儿童观看节目,由市民政局指派专人,有序组织福利院儿童在看台门口领票进场。

(四)东北A区专门保障60岁以上老年人观看节目(凭身份证、社保卡等有效证件领取),在看台门口领票进场。

(五)西北C区专门为保障那曲镇弱势群体观看节目,由那曲镇人民政府指派专人,组织群众在看台门口领票进场。

(六)其它看台入口免费向群众发放,每一个入口安排工作人员发放,一人一票,发完即止。

门票发放时间为每场节目开始前2小时至节目开始后半小时发放。每一个入口安排工作人员发放门票,实行一人一票,发完即止。

五、其他要求

(一)各县(区)、各单位要严格按照相关规定和范围使用活动期间各类票证,严禁转借和超范围发放、使用,活动期间将专门组织人员进行督查,一经发现将严查严办。

(二)各单位、经营商户、广大农牧民群众要切实增强安全防范意识,做好用电用火、食品药品、人身财物、道路交通等安全。

(三)为方便群众,赛马场内设置了6个取水点和34处公共卫生间,请广大群众爱护公共设施,节约用水。任何单位和个人不得私拉乱接水管,必须服从管理人员安排,一经发现严肃处理。

(四)任何单位和个人不得在赛马场内、帐篷四周开挖排水沟破坏草皮,不得损毁公共设施,一经发现将严肃查处。

(五)卫生是人类健康的基本需求,文明是人类进步的精神之花。为了创造干净整洁舒适的节日环境,从我做起,从身边的点滴做起,自觉维护公共卫生,倡导文明,革除陋习,养成良好的保护环境和卫生习惯,做到不随地吐痰、不随地大小便,不乱扔、乱倒垃圾污物,不随处丢弃、堆放垃圾,以实际行动为节日创造安全喜庆、欢乐祥和、干净整洁的环境,展现那曲各族干部群众的良好品行。

恰青赛马节组委会办公室

2023年7月29日

2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་གསལ་བསྒྲགས།

ལས་ཁུངས་ཁག་དང་། ཚོང་དུད་ཁག རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བཅས་ལ།

2023ལོའི་བྱང་ཐང་འཆར་ཅན་རྟ་རྒྱུག་དུས་ཆེན་ཡག་པོ་གཉེར་ནས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བཏོན་པའི"རིག་གནས་དར་སྤེལ་དང་། ཁྱད་ཆོས་མངོན་པ། ཚོང་འགུག་མ་འདྲེན། སྤེལ་རེས་ལ་སྐུལ་འདེད། སེམས་ནུས་གཅིག་སྒྲིལ། སྔོན་ཐོན་འབད་བརྩོན"བཅས་ཀྱི་སྤྱིའི་དམིགས་ཚད་ལེགས་གྲུབ་བྱ་ཆེད། སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། ད་ལྟ་2023ལོའི་བྱང་ཐང་འཆར་ཅན་རྟ་རྒྱུག་དུས་ཆེན(གཤམ་ལ་བསྡུས་མིང་དུ་རྟ་རྒྱུག་དུས་ཆེན་ཞེས་བརྗོད)གྱི་འབྲེལ་ཡོད་དོན་དག་གསལ་བསྒྲགས་བྱེད་རྒྱུ་གཤམ་གསལ།

གཅིག བྱེད་སྒོ་གཉེར་བའི་དུས་ཚོད་དང་། ས་ཆ། དེ་བཞིན་བྱེད་སྒོའི་ནང་དོན།

རྟ་རྒྱུག་དུས་ཆེན་ཟླ་8ཚེས་10ཉིན་གྱི་སྔ་དྲོ་ཆུ་ཚོད་10:00པར་ནག་ཆུ་གྲོང་རྡལ་གེ་སར་རྟ་རྒྱུག་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་རྒྱུ་དང་། དུས་ཡུན་ཉིན་གསུམ་ཏེ། ཟླ་8ཚེས་12ཉིན་གྱི་ཕྱི་དྲོ་ཆུ་ཚོད་15:30ལ་མཇུག་སྒྲིལ་རྒྱུ་ཡིན།

ནག་ཆུའི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་དང་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་དང་མངོན་སྟོན་བྱས་ཏེ། ནག་ཆུའི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་ཆེད། ད་ལོའི་རྟ་རྒྱུག་དུས་ཆེན་གཉེར་སྟངས་ཐད་སྲོལ་རྒྱུན་དང་མི་འདྲ་བར“4+3+4”ཡི་རྣམ་པ་གསར་པ་གཏོད་ཡོད་དེ། གཅིག་ནི་ཟླ་8ཚེས་6ནས་ཚེས་9བར་རྟ་རྒྱུག་དང་ལུས་རྩལ་འགྲན་བསྡུར་གྱི་གྲ་སྒྲིག་འགྲན་བསྡུར་དང་། “ཕོ་རྒོད་མཆོར་མོའི”ཡུལ་སྐོར་གཟུགས་བརྙན་ཕོ་ཉ་གདམ་གསེས་འགྲན་བསྡུར། མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན། དེ་བཞིན་ཤོག་སྦག་གི་ལྟད་མོ་བཅས་ཀྱི་བྱེད་སྒོ་སྤེལ་ཏེ། རྟ་རྒྱུག་དུས་ཆེན་ལ་མི་འགྲུལ་འགུག་རྒྱུ་ཡིན། གཉིས་ནི་ཟླ་8ཚེས་10ནས་ཚེས་12བར་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོ་ཁག་དངོས་སུ་འགོ་ཚུགས་རྒྱུ་ཡིན་པ་དང་། དེའི་རིང་ལ་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་། "གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད"བྱེད་སྒོའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱེད་རྒྱུ། ཕུལ་བྱུང་ལེ་ཚན་དང་སྒྱུ་རྩལ་བརྩམས་ཆོས་འགྲེམས་འཁྲབ། མེ་ཕུང་མཚན་ཚོགས། ཤོག་སྦག་གི་ལྟད་མོ། ཤེད་རྡོ་འགྱོགས་པ། ཐག་འཐེན་འགྲན་བསྡུར། རྒྱུག་ཆུང་། འགྲོས་བསྡུར། རྒྱུག་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཁྱད་ལྡན་དམངས་སྲོལ་སྦྲ་གུར་འགྲེམས་སྟོན་དཔྱད་བསྡུར་དང་། ཚོང་འགུག་མ་འདྲེན་དང་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ། དབྱར་རྩྭ་དགུན་འབུ་འགྲེམས་འཚོང་། ཞིང་ཕྱུགས་ཐོན་རྫས་འགྲེམས་འཚོང་། བོད་བྱང་ཐང་གི་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན། གསུམ་ནི་ཟླ་8ཚེས་13ནས་ཚེས་16བར་མུ་མཐུད་ཐོན་རྫས་འགྲེམས་འཚོང་དང་། གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་སྐོང་འཁྲབ་འགྲན་བསྡུར་དང་མང་ཚོགས་ཀྱི་རིག་རྩལ་དང་རིག་གནས་བྱེད་སྒོ་སྤེལ་རྒྱུ་ཡིན།

གཉིས། གུར་ཕུབ་པའི་དུས་ཚོད་དང་བླང་བྱ།

གུར་ཕུབ་པའི་དུས་ཚོད་ནི་ཟླ་7ཚེས་20ནས་ཚེས་29བར་ཡིན། ཚོང་དུད་ཚོས་ཨང་དཀྲུག་བྱས་ནས་རག་པའི་གཏན་འཁེལ་འགྲེམས་གནས་ལ་གུར་ཕུབ་དགོས(ཚོང་འགུགས་བྱ་ཡུལ་དང་། རྣམ་གྲངས། འགྲེམས་གནས། གྲོན་དངུལ་དེ་བཞིན་ཚོང་འགུགས་དུས་ཚོད་བཅས“2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་ས་ཁོངས་ཚོང་འགུགས་བྱེད་རྒྱུའི་སྤྱི་བསྒྲགས”ལ་གཟིགས་རོགས) མང་ཚོགས་ཀྱི་གུར་ཕུབ་སའི་ས་ཆ་ཨང་དཀྲུག་བྱེད་རྒྱུ(གུར་ཕུབ་སའི་ས་ཆ་དང་། ཆ་རྐྱེན། ཕུབ་ལུགས་ཕུབ་སྟངས། མིང་ཐོ་འགོད་པའི་དུས་ཚོད་དང་ཨང་དཀྲུག་དུས་ཚོད་བཅས“2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་ས་ཁོངས་ཚོང་འགུགས་བྱེད་རྒྱུའི་སྤྱི་བསྒྲགས”ལ་གཟིགས་རོགས) རྟ་རྒྱུག་ཐང་དུ་གང་བྱུང་གིས་སྦྲ་གུར་ཕུབ་མི་ཆོག་པ་དང་ངེས་པར་དུ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་དོ་དམ་མི་སྣའི་བཀོད་སྒྲིག་ལ་བརྩི་སྲུང་ཞུ་དགོས། ཆོག་མཆན་མ་ཐོབ་པར་ས་ཆ་བཟུང་བ་དང་སྦྲ་གུར་ཕུབ་ཚེ། ཁྲོམ་ར་ལྟ་སྐུལ་དོ་དམ་དང་། སྤྱི་བདེ། གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་གྱིས་གཏན་འབེབས་ལྟར་བཤིག་རྒྱུ་ཡིན། ལས་ཀར་གཞོགས་འདེགས་མི་བྱེད་མཁན་གྱི་ཚན་པ་དང་མི་སྒེར་ལ་གུར་ཕུབ་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། ལས་འགན་འཁུར་མཁན་ཚན་པ་ཕུད་དེ་མིན་གྱི་ཚན་པ་དང་མི་སྒེར་སུ་ཡིན་རུང་རྟ་རྒྱུག་ཐང་ཕྱི་ནང་གི་རྩྭ་ཐང་ཐོག་གུར་ཕུབ་མི་ཆོག

གསུམ། གཙང་སྦྲ་དོ་དམ་གྱི་གྲོན་དངུལ་དང་གློག་རིན་བསྡུ་བའི་ཚད་གཞི།

མི་དམངས་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར། ཐོག་མའི་བསམ་འདུན་ལག་བསྟར་བཅས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་ཆེད། བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། ད་ལོའི་བྱེད་སྒོ་སྤེལ་རིང་རྟ་རྒྱུག་ཐང་ནང་གི་གཙང་སྦྲ་དོ་དམ་གྲོན་དངུལ་དང་གློག་རིན་བསྡུ་བའི་ཚད་གཞིའི་ཐད་གཏན་འབེབས་བྱེད་རྒྱུ་གཤམ་གསལ།

(གཅིག)གཙང་སྦྲ་དོ་དམ་གྲོན་དངུལ།

བྱེད་སྒོ་སྤེལ་རིང་། རྟ་རྒྱུག་ཐང་གི་གཙང་སྦྲ་དོ་དམ་གྱི་གྲོན་དངུལ་མི་དགོས།

(གཉིས)གློག་རིན།

1.2022ལོར་གློག་རིན་བསྡུས་པའི་ཚད་གཞི་ལྟར། གློག་བེད་སྤྱོད་གཏོང་མཁན་གྱི་ཚན་པ་དང་། ཚོང་དུད། མི་སྒེར་བཅས་ཀྱིས་གློག་རིན་འོས་འཚམ་སྤྲོད་དགོས། ཞིབ་ཕྲའི་ཚད་གཞི་ནི། གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པར་སྒོར་350དང་། མང་ཚོགས་ཀྱི་གུར་ཕུབ་ས་དང་ནང་མ་རོལ་རྩེད་ཁང་གི་ཁྱབ་ཁོངས་ནང་ཚོང་གཉེར་བྱེད་མཁན་གྱི་ཚོང་དུད་ལ་སྒོར་150 ཡིན།

2. རྫོང་(ཆུས)ཁག་གི་འཁྲབ་སྟོན་མི་སྣའི་སྡོད་གུར་དང་ཚོང་གཉེར་མིན་པའི་ཁྱིམ་ཚང་ལ་གློག་རིན་མི་དགོས།

3.གློག་ཁྲིད་མཁན་ཚང་མས་ཐེངས་གཅིག་རང་དུ་གློག་འཁྲིད་གླ་སྒོར་100 སྤྲོད་དགོས།

བཞི། ལེ་ཚན་གྱི་སྤ་སེ།

དམངས་ཡོངས་ཀྱིས་རྟ་རྒྱུག་རིག་གནས་དགྱེས་སྟོན་ལོངས་སུ་སྤྱོད་ཐུབ་པ་དང་། དམིགས་བསལ་དཀའ་ངལ་ཡོད་མཁན་ཚོས་ཐུགས་ཁུར་ཚོར་ཐུབ་པ། དེ་བཞིན་བྱང་ཐང་མི་རིགས་ཁག་གི་བུ་ཕྲུག་ཚོའི་ཡ་རབས་ཚུལ་ལྡན་གྱི་རྣམ་པ་མངོན་ཆེད། རྟ་རྒྱུག་དུས་ཆེན་རིང་། “སྤ་སེ་བསྟན་ནས་འཛུལ་དགོས་པ་དང་། བང་སྒྲིག་ནས་འཛུལ་དགོས་པ། སྤ་སེ་རྫོགས་ན་སྤྲོད་མཚམས་འཇོག་རྒྱུའི” བྱེད་ཐབས་བརྟེན་ནས་རྟ་རྒྱུག་ཐང་ནང་ལྟད་མོ་བལྟ་དགོས། རྫོང་(ཆུས)དང་ལས་ཁུངས་ཁག་གིས“ཁོངས་གཏོགས་དོ་དམ”འགན་འཁྲི་ཡག་པོ་འཁུར་ནས་སོ་སོའི་ཁོངས་གཏོགས་ཀྱི་མང་ཚོགས་དང་ལས་བྱེད་ལས་བཟོ། ནང་མི། ཡུལ་སྐོར་བ། གདན་ཞུའི་མི་སྣ་བཅས་ལ་རང་འགུལ་ངང་སྒྲིག་ལམ་སྲུང་བ་དང་དོ་དམ་ལ་ཉན་པ། བང་ཡག་པོ་སྒྲིག་པ། ཚང་ཁ་མི་རྒྱག་པ་དང་། སྐད་ཅོར་མི་རྒྱག་པ། རྙོག་དྲ་མི་སློང་བ་བཅས་བྱེད་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། སྒྲིག་ལམ་དཀྲུག་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ་ཁོངས་གཏོགས་དང་སྡེ་ཚན། མི་སྒེར་བཅས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་ཡིན།

(གཅིག)ཀྲུའུ་ཞིའི་སྟེགས་བུ་དང་། ཤར་ནུབ་ངོས་གཉིས་ཀྱི་སྐུ་མགྲོན་གཟིགས་སྟེགས་ཀྱི་སྤ་སེ་དེ་སྐུ་མགྲོན་སྣེ་ལེན་ཙུའུ་ཡིས་སྐུ་མགྲོན་དང་"གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད"བྱེད་སྒོའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་དང་། ཚོང་འགུགས་མ་འདྲེན་ཁེ་ལས་དང་རོགས་དངུལ་ཞལ་འདེབས་ཕུལ་མཁན་མི་སྣ་བཅས་ལ་སྤྲོད་རྒྱུ།

(གཉིས)ཤར་ངོས་གཟིགས་སྟེགས་ཀྱི་སྤ་སེ་དེ་རྫོང་(ཆུས)ཁག་དང་། ཚན་པ་ཁག་གི་སྐུ་མགྲོན་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དེ་བཞིན་རང་སྐྱོང་ལྗོངས་ཐིང་ཅུད་ཁག་གི་སྐུ་མགྲོན་ལ་སྤྲོད་རྒྱུ་ཡིན་ཞིང་། ཚན་པ་ཁག་གིས་སྤ་སེ་ལས་དོན་ཙུའུ་ལ་རེ་ཞུ་བྱེད་དགོས།

(གསུམ)ནུབ་ངོས་གཟིགས་སྟེགས་ནི་ཆེད་མངག་ཕན་བདེ་ཁང་གི་བྱིས་པའི་གཟིགས་སྟེགས་ཡིན་པས། གྲོང་ཁྱེར་དམངས་སྲིད་ཅུད་ཀྱི་ཆེད་དོན་མི་སྣས་བྱིས་པ་རྣམས་སྒྲིག་འཛུགས་བྱས་ཏེ་གཟིགས་སྟེགས་ཀྱི་སྒོ་འགྲམ་སྤ་སེ་ལེན་ནས་འཛུལ་དགོས།

(བཞི)བྱང་ཤར་A ཁུལ་ནི་ཆེད་མངག་ལོ་60ཡན་གྱི་རྒན་འཁོགས་ཀྱི་གཟིགས་སྟེགས་ཡིན(ཐོབ་ཐང་ལག་ཁྱེར་དང་། སྤྱི་ཚོགས་འགན་བཅོལ་གཱ་སོགས་ནུས་ཡོད་ལག་ཁྱེར་ལ་བརྟེན་ནས་སྤ་སེ་ལེན་དགོས)པ་དང་། གཟིགས་སྟེགས་ཀྱི་སྒོ་འགྲམ་སྤ་སེ་ལེན་ནས་འཛུལ་དགོས།

(ལྔ)ནུབ་བྱང་Cཁུལ་ནི་ཆེད་མངག་ནག་ཆུ་གྲོང་རྡལ་གྱི་ཉམ་ཐག་རིགས་གྲས་ཀྱི་གཟིགས་སྟེགས་ཡིན་ཞིང་། ནག་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཆེད་དོན་མི་སྣས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གཟིགས་སྟེགས་ཀྱི་སྒོ་འགྲམ་སྤ་སེ་ལེན་ནས་འཛུལ་དགོས།

(དྲུག)གཟིགས་སྟེགས་གཞན་དག་གི་འཛུལ་སྒོ་ཚང་མར་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་སྤ་སེ་རིན་མེད་ཐོག་མང་ཚོགས་ལ་སྤྲོད་རྒྱུ་ཡིན་ཞིང་། མི་རེར་སྤ་སེ་རེ་མ་རྫོགས་བར་དུ་སྤྲོད་རྒྱུ་ཡིན།

སྤ་སེ་སྤྲོད་པའི་དུས་ཚོད་ནི་ལྟད་མོ་འགོ་མ་ཚུགས་གོང་གི་ཆུ་ཚོད་2ནས་ལྟད་མོ་འགོ་ཚུགས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀ་བར་ཡིན།

ལྔ། དེ་མིན་གྱི་བླང་བྱ།

(གཅིག)རྫོང་(ཆུས)ཁག་དང་། ཚན་པ་ཁག་གིས་འབྲེལ་ཡོད་གཏན་འབེབས་དང་ཁྱབ་ཁོངས་གཞིར་བཟུང་བྱེད་སྒོ་སྤེལ་རིང་གི་སྤ་སེ་དང་ལག་ཁྱེར་ཁག་བེད་སྤྱོད་ནན་ཏན་བྱེད་དགོས་པ་ལས། མི་ལ་གཡར་བ་དང་ཁྱབ་ཁོངས་བརྒལ་ནས་སྤྲོད་པ་དང་བེད་སྤྱོད་དེ་བས་ཀྱང་བྱེད་མི་ཆོག བྱེད་སྒོ་སྤེལ་རིང་ཆེད་མངགས་མི་སྣ་སྒྲིག་འཛུགས་བྱས་ནས་ལྟ་སྐུལ་བྱེད་རྒྱུ་ཡིན་པས། གལ་ཏེ་གནས་ཚུལ་དེ་རིགས་ཐོན་ཚེ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན།

(གཉིས)ཚན་པ་ཁག་དང་། ཚོང་དུད་ཁག རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བཅས་ཀྱིས་བདེ་སྲུང་ཉེན་འགོག་གི་འདུ་ཤེས་ཆེ་རུ་བཏང་ནས། གློག་དང་མེ། བཟའ་བཅའ་དང་སྨན་རྫས། མི་ལུས་དང་རྒྱུ་དངོས། གཞུང་ལམ་འགྲིམ་འགྲུལ་སོགས་ཀྱི་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས།

(གསུམ)མང་ཚོགས་ལ་སྟབས་བདེ་སྐྲུན་ཆེད། རྟ་རྒྱུག་ཐང་ནང་ཆུ་ལེན་ས་6དང་སྤྱི་པའི་གསང་སྤྱོད་34བཀོད་སྒྲིག་བྱས་ཡོད་པས། ཚང་མས་སྤྱི་པའི་སྒྲིག་བཀོད་ལ་གཅེས་སྤྲས་དང་ཆུ་གྲོན་ཆུང་བྱེད་རོགས། ཚན་པ་དང་མི་སྒེར་གང་རུང་གིས་ཆུ་གང་བྱུང་འཁྲིད་མི་ཆོག་པ་དང་ངེས་པར་དུ་དོ་དམ་མི་སྣའི་བཀོད་སྒྲིག་བརྩི་སྲུང་ཞུ་དགོས། གལ་ཏེ་གནས་ཚུལ་དེ་རིགས་ཐོན་ཚེ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན།

(བཞི)ཚན་པ་དང་མི་སྒེར་གང་རུང་གིས་གུར་གྱི་ཕྱོགས་བཞི་ལ་ཆུ་ཡུར་དྲུས་ཏེ་སྤང་ལ་གཏོར་བཤིག་གཏོང་མི་ཆོག་པ་དང་། སྤྱི་པའི་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་མི་ཆོག གལ་ཏེ་གནས་ཚུལ་དེ་རིགས་ཐོན་ཚེ་ཞིབ་བཤེར་ཐག་གཅོད་ནན་པོ་ བྱེད་རྒྱུ་ཡིན།

(ལྔ)གཙང་སྦྲ་བྱེད་རྒྱུ་ནི་མི་ལུས་བདེ་ཐང་ཡོང་བའི་གཞི་རྩའི་དགོས་མཁོ་ཡིན། ཡ་རབས་ནི་མིའི་རིགས་ཡར་ཐོན་ཡོང་བའི་མངོན་ཚུལ་ཞིག་ཡིན། གཙང་སྦྲ་དོད་ལ་སྣང་བ་སྐྱིད་པའི་དུས་ཆེན་དགའ་གཏོང་ཐུབ་ཆེད། རང་ཉིད་ནས་འགོ་བཙུགས་པ་དང་འཁྲིས་ཀྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ། རང་འགུལ་ངང་སྤྱི་པའི་ཁོར་ཡུག་གཙང་སྦྲར་སྲུང་སྐྱོང་དང་། ཤེས་དཔལ་དར་སྤེལ་བཏང་ནས། སྲོལ་ངན་དོར་བ། ཁོར་ཡུག་སྲུང་སྐྱོབ་དང་གཙང་སྦྲར་དང་དོད་བྱེད་སྲོལ་ཆགས་ཐུབ་པ་བྱས་ཐོག ཁ་ལུད་གང་བྱུང་མི་དབྱུག་པ་དང་། སྐྱག་གཅིན་གང་བྱུང་མི་གཏོང་བ། གད་སྙིགས་གང་བྱུང་མི་དབྱུག་པ་བཅས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཉེན་མེད་སྤྲོ་སྣང་ལྡན་པ་དང་། གཙང་ཞིང་གྲལ་འགྲིག་པའི་དུས་ཆེན་གྱི་རྣམ་པ་བཟང་པོ་ཞིག་གཏོད་དེ་ནག་ཆུའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཀུན་སྤྱོད་བཟང་པོ་མངོན་ཐུབ་པ་བྱེད་དགོས།

འཆར་ཅན་རྟ་རྒྱུག་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་།

2023ལོའི་ཟླ་7ཚེས་29ཉིན།

查看全文
大家还看了
也许喜欢
更多游戏

Copyright © 2024 妖气游戏网 www.17u1u.com All Rights Reserved